上師言教
-
上師的恩德
ཨོཾ་བདེ་ལེགས་སུ་གྱུར་ཅིག།
嗡!祝願善妙!
དེ་ཡང་ཇི་སྐད་དུ། མཆོད་པ་ཐམས་ཅད་ཡོངས་སྤངས་ནས།།བླ་མ་མཆོད་པ་ཡང་དག་བརྩམས།།དེ་མཉེས་པས་ནི་ཀུན་མཁྱེན་གྱི།།ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར།། ཅེས་དང་། བླ་མ་མཉེས་ན་མཆོད་པའི་རབ།།
續云:「捨棄一切諸供養,應當清淨供上師,取悅彼故,當獲遍智殊勝智」。「能令上師悅意,故為供養之最勝」。
གཞན་ཡང་། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི།།ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་།།རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས།།ཐབས་གཞན་བསྟེན་པའི་རྨོངས་པས་རྙེད་པར་དཀའ།།ཞེས་དང་།
再者,續云:「俱生勝義本來之智,唯除集資淨障之實行、具證上師之加持,依止他法實為愚昧,故為難得」。
བླ་མ་སྐུ་བཞིའི་གངས་རི་ལ།།མོས་གུས་ཀྱི་ཉི་མ་མ་ཤར་ན།།བྱིན་རླབས་ཀྱི་ཆུ་བོ་མི་འབབ་པས།།སེམས་མོས་གུས་འདི་ལ་ནན་ཏན་མཛོད།། ཅེས་དང་།
「上師四身雪山上,敬信之日若未升,不降加持之水流,故當勤修敬信心」。
བླ་མ་སངས་རྒྱས་བླ་མ་ཆོས།།དེ་བཞིན་བླ་མ་དགེ་འདུན་ཏེ།།ཀུན་གྱི་བྱེད་པོ་བླ་མ་ཡིན།།བླ་མ་དཔལ་ལྡན་རྡོ་རྗེ་འཆང་།།ཞེས་དང་།
「上師是佛寶、上師是法寶、如是上師亦為僧寶,一切之能作者是上師,上師是具德金剛持」。
བླ་མ་མེད་པའི་གོང་རོལ་ན།།སངས་རྒྱས་བྱ་བའི་མིང་ཡང་མེད།།བསྐལ་པ་སྟོང་གི་སངས་རྒྱས་ཀྱང་།།བླ་མ་དག་ལ་བརྟེན་ནས་བྱུང་།། ཞེས་དང་།
「以是未有上師前,亦無如來之稱謂。縱是賢劫之千佛,亦依諸師而產生」。
སྐྱ་བ་འཛིན་པ་མེད་པ་ཡིས།།གྲུ་ཡི་ཕ་རོལ་ཕྱིན་མི་འགྱུར།།ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་།།བླ་མ་མེད་ན་སྲིད་ཐར་མིན།། ཞེས་དང་།
「以無掌舵者,舟不至彼岸,雖具諸本事,無師不解脫」。
སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས།།བླ་མ་མཁས་པ་དག་ལ་རྟག་ཏུ་བསྟེན་པར་བྱ།།
「彼諸能以賢善師長為師之具有恭敬者,應當恆時依止諸善巧上師。何以故,乃因一切善巧之本事由彼而生」。
ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་ཐམས་ཅད་དེ་ལས་བྱུང་།།ཞེས་སོགས་བཀའ་མདོ་རྒྱུད་ཐམས་ཅད་ནས་ནང་པའི་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ནས་བཟུང་སྟེ་བླ་མ་ནི་ཧ་ཅང་གི་གལ་ཆེན་ཡིན་པར་བཤད་པའི་ཁུངས་དང་སྒྲུབ་བྱེད་ནི་བརྗོད་ཀྱི་མི་ལང་ཡང་། སྙིང་པོ་དྲིལ་ནས་བཤད་ན།
一切經續皆云及對於舉凡開始進行內道佛教之學法實修之人,上師極為重要,此諸根據與理由說不能盡,
སྔོན་མི་ལོ་སུམ་སྟོང་ཡས་མས་ཞིག་ལ་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་མཚུངས་པ་མེད་པ་དེ་ཉིད་ཀྱིས་གདུལ་བྱའི་ཁམས་དབང་པོ་བསམ་པའི་བྱེ་བྲག་དང་བསྟུན་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་འབྲེལ་ཚད་ཐར་ལམ་དུ་འགོད་པར་མཛད།
然而,約莫三千年前,我等之善巧而大悲無與倫比導師,依照所應度化徒眾之程度、根器與思想而三轉法輪,安置凡所相關連者於解脫道。
རིམ་བཞིན་སངས་རྒྱས་ཀྱི་བསྟན་པ་དེ་ཉིད་གནས་བརྟན་འོད་སྲུང་གཙོ་བོར་གྱུར་པའི་འཕགས་པའི་གནས་བརྟན་དང་འཕགས་ཡུལ་གྱི་གྲུབ་ཆེན། ན་ལནྡའི་པཎ་གྲུབ་རྣམ་པས་རིམ་བཞིན་བསྐྱངས་ནས་ལོ་ཙཱ་བ་དག་དང་རྒྱ་ནག་དང་བོད་སོགས་རྒྱལ་ཁབ་སོ་སོ་ནས་ན་ལནྜར་ཕེབས་པའི་མཁས་པ་ཚོའི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་ཀུན་མཁྱེན་བུ་རམ་ཤིང་པའི་བསྟན་པ་རྒྱལ་སྤྱིར་ཁྱབ་པར་མཛད།
能漸次成佛之教法以長老迦葉為主之聖者長老與印度之大成就者、那爛陀寺之智證者諸眾代代保持之後,由於一切譯師與來自印度、漢地與西藏等等各國學者之恩德,使釋迦牟尼佛傳下之教法遍滿國際。
རིམ་པས་ད་ལྟ་སྙིགས་མ་ལྔའི་ཡང་སྙིགས་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུའང་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་གནས་ཐུབ་པ་དང་།
乃至代代相傳至今,五濁惡世之最混濁鬥諍時之際、人壽百歲時代中,佛陀之教法亦能存在於世間。
རང་རེ་སྙིགས་མ་ལྔའི་སེམས་ཅན་ཚེ་ཐུང་ལ་ནད་མང་བ་དག་གིས་ཀྱང་ལུང་རྟོགས་ཀྱི་བསྟན་པའི་སྒོར་ཞུགས་ནས་ཐོས་བསམ་སྒོམ་གསུམ་སྒྲུབ་པའི་གོ་སྐལ་ཐོབ་པ་དེ་ནི་སྤྱིར་སྟོན་པ་ཐུགས་རྗེ་ཅན་དང་རྒྱ་གར་འཕགས་པའི་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་ཆེན་པོ་བཞི་ལ་སོགས་པའི་པཎ་གྲུབ། བོད་གངས་ཅན་ལྗོངས་ཀྱི་རྙིང་མའི་སོ་ཟུར་གནུབས་གསུམ་དང་གསར་མའི་མར་མི་དྭགས་གསུམ། དེ་བཞིན་དུ་རྒྱ་བརྒྱུད་ནང་བསྟན་གྱི་བླ་མ་རིམ་བྱོན་དང་གནས་བརྟན་སྡེ་པའི་བླ་མ་དག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་ཡིན་པར་གོར་མ་ཆག།
我等五濁二世之一切短壽多病有情,亦能入於教證教法之門,獲得達成聞思修之機會,總體而言,無疑是大悲導師釋迦牟尼佛與印度六勝二莊嚴四位大師等智證大德、雪域西藏之古傳索宿努等三大宗師與新傳派瑪爾巴、密勒日巴、達波拉傑等三位大師等等,包括漢傳佛教之歷代祖師與上座長老一切師長之浩瀚恩德所致。
འོན་ཀྱང་སངས་རྒྱས་སྟོང་རྩ་བྱོན་རུང་རང་རེ་རྣམས་སངས་རྒྱས་གཅིག་ཀྱང་མཇལ་བའི་སྐལ་བ་མེད་པ་མ་ཟད་འཕགས་པའི་ཡུལ་གྱི་མཁས་གྲུབ་དག་དང་རྒྱ་བརྒྱུད་ནང་བསྟན་གྱི་མཁས་གྲུབ་ཆེན་པོ། བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་བརྒྱུད་པའི་བླ་མ་འབྱུང་བཞི་ལ་རང་དབང་བརྙེས་པ་དག་གཅིག་ཀྱང་མཇལ་བའི་སྐལ་བ་མ་ལྡན་པ་ནི་རང་རེ་རྣམས་ཀྱི་བསོད་ནམས་ཀྱིས་མ་ཐེག་པས་ལན།
然而,縱然千佛降世,我等亦無親見一佛之福氣與緣份,甚至亦無親見朝見印度之任何智證宗師與漢傳佛教之大德、雪域西藏之薩迦派、格魯派、噶舉派、寧瑪派、不分教派之傳承上師與獲得自在之成就者之福氣與緣份,皆因我等之福德稀微而不堪承受所致。
ཁོང་དང་མཇལ་བའི་སྐལ་བ་མེད་རུང་ང་རང་ཚོས་ནང་པའི་ཆོས་ནི་སྒྲུབ་བཞིན་ཡོད་ལ། ཐོས་བསམ་སྒོམ་གསུམ་གང་ལ་གང་འཚམས་ཞིག་བྱེད་ཀྱི་ཡོད་པ་དེ་ནི་སུ་ཡི་བཀྲིན་ཡིན་སྙམ་ན།
若思:我等雖無值遇彼諸大善知識之福緣,卻依然可以學佛修行,並且可以隨宜而作聞思修,是何人恩德所致?
འོ་དེ་ནི་སངས་རྒྱས་ཀུན་འདུས་རྩ་བའི་བླ་མའི་བཀྲིན་ཁོ་ན་ཡིན་པ་ནི་སྨོས་མ་དགོས་ཤིང་སོ་སོའི་རྩ་བའི་བླ་མ་དེ་མེད་ན་སངས་རྒྱས་སྟོང་རྩ་བྱོན་ཡང་རང་ལ་ཕན་ཐོགས་དེ་ཙམ་ཞིག་མེད་པ་དང་། མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟར་གྲངས་ལས་འདས་པ་ཞིག་བྱོན་ཀྱང་ཆོས་ཚིག་གཅིག་ཞུ་བའི་སྐལ་བ་མེད།
當知此乃唯是諸佛總集─根本上師之恩德,無需贄言。每個人如果沒有自己的根本上師,縱然千佛親臨亦無些許助益、智證之士猶如繁星會聚無數亦無有領受任一佛法字詞之福緣、
ཀླུ་སྒྲུབ་དང་ཐོགས་མེད་ལ་སོགས་པའི་མཁས་གྲུབ་དག་ཀྱང་མཚན་ཙམ་དང་སྐུ་འདྲ་ཞིག་ལས་མཇལ་བའི་སྐལ་བ་མེད་རུང་ནང་པའི་ཆོས་སྒོར་ཞུགས་ནས་བློ་སེམས་ཆོས་ལ་ཕྱོགས། ཆོས་ལ་སྤྲོ་བ་བསྐྱེད། ཆོས་གཟུགས་མ་བོར་ཙམ་འདི་ཐམས་ཅད་རྩ་བའི་བླ་མའི་བཀྲིན་ཤ་སྟག་ཡིན།
亦無聽聞龍樹菩薩與無著論師等諸一切智證大德之名號與形影。能入佛法之門,心向佛法,心生法喜,不捨修行形相等等皆完全是根本上師之恩德。
དེས་ན་བླ་མ་ནི་ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཀུན་དང་མཉམ་རུང་བཀྲིན་གྱི་ངོས་ནས་སངས་རྒྱས་ཀུན་ལས་ལྷག་པར་གོང་དུ་ལུང་འདྲེན་ཁ་ཤས་ཞིག་བཀོད་པ་ལྟར་སྔོན་བྱོན་གྱི་མཁས་གྲུབ་ཡོངས་ཀྱི་མགྲིན་གཅིག་ཏུ་གསུངས།བརྒྱུད་ནས་སྟོན་པ་ཐུགས་རྗེ་ཅན་དང་བརྒྱུད་པའི་བླ་མ་རྣམས་ཀྱང་བཀྲིན་ཆེན་པོ་ཡིན་རུང་དངོས་སུ་དབང་དང་གདམས་ངག་ཟབ་ཆོས་ཇི་སྙེད་ཅིག་ཐོབ་པ་དེ་དག་ཐམས་ཅད་རྩ་བའི་བླ་མའི་བཀྲིན་ཁོ་ན་ཡིན།
因此之故,上師的功德方面等同諸佛,然而恩德的恩德方面較之諸佛更加超勝。猶如以上某些引經據典內容一般,是為往昔歷代一切智證大德亦口同聲開示。大悲導師釋迦牟尼佛與傳承上師皆恩德深重,然而實際能使我等獲得任何灌頂與教言深法,悉皆唯是根本上師之恩德。
རང་རེ་ཆོས་སྒྲུབ་མཁན་ཚོ་ལ་བསམས་ན་ཡང་། ལྷ་སྐུ་འབུམ་ཕྲག་སྒོམ་པ་བས།།བླ་མ་སྐད་ཅིག་དྲན་པ་མཆོག།བསྙེན་སྒྲུབ་བཟླས་པ་ས་ཡ་ལས།།བླ་མའི་གསོལ་འདེབས་ལན་གཅིག་མཆོག།ཅེས་གསུངས་པ་ལྟར།
若思惟我等修行之人,亦如同偈頌所說一般:「修十萬本尊,不如一刹那,憶念上師勝;不如一次中,祈請上師勝」;若能觀修上師於頂上,之後唯一恭敬實修,無有較之更殊勝之法,為所有經續一再而再宣說。
བླ་མ་སྤྱི་བོར་བསྒོམས་ནས་ཉམས་ལེན་མོས་གུས་ཁོ་ན་ལ་སྐྱེལ་ཐུབ་ན་དེ་བས་ལྷག་པ་མེད་ལུགས་བཀའ་མདོ་བརྒྱུད་ཐམས་ཅད་ནས་ཡང་དང་ཡང་དུ་གསུངས་པ་ལ་གཞི་བཅོལ་ནས་ད་ལོ་འབྲུག་ལོ་གསར་དུ་ཚེས་པའི་འབྲུག་ཟླ་དང་པ་ཆོ་འཕྲུལ་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་གནས་ཕུན་སུམ་ཚོགས་པ་ཞབས་དྲུང་རིན་པོ་ཆེ་ཐུགས་དམ་ཏིང་ངེ་འཛིན་གྱི་ངང་ལས་གཡོ་བ་མེད་པར་བཞུགས་པའི་བདེ་མཆོག་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རང་བྱོན་གྱི་སྟེང་དུ་ཆགས་པའི་དཔལ་ལྡན་འབྲུག་པའི་གདན་ས་ལྟེ་བ་སྤུངས་ཐང་བདེ་བ་ཆེན་མོའི་ཕྲོང་གི་མདུན་ཕྱོགས་འཛམ་གླིང་ཐང་ཞེས་སྔོན་རྒྱ་གར་གྱི་གྲུབ་ཆེན་ནགས་ཀྱི་རིན་ཆེན་གྱིས་ཡུམ་ཉི་འཚེའི་དམྱལ་བ་ལས་འདྲེན་པའི་དུས་སུ་ཡང་ནས་ཡང་དུ་ཞབས་ཀྱིས་བཅགས་པའི་གནས་མཆོག་ཁྱད་པར་ཅན་ག་ལ་བར་ཞིང་གཤེགས་དམ་པ་ཡབ་རྗེ་ཨྱོན་རྡོ་རྗེ་དང་མ་ཡུམ་འཕྲིས་ཆོས་སྒྲོན་རྣམ་གཉིས་ནས་སྐལ་ལྡན་བསོད་ནམས་གསོག་པའི་ཞིང་སྐལ་དུ་བཞེངས་གནང་བའི་བྱ་རུང་ཁ་ཤོར་མཆོད་རྟེན་ཆེན་མོའི་སྤྱན་སྔར་མཆོད་པ་སྟོང་ཚར་དང་ཚོགས་གཏོར་རྒྱ་ཆེར་བཤམས་ནས་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དྲིན་ཅན་རྩ་བའི་བླ་མ་དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའམ་ཞབས་དྲུང་རིན་པོ་ཆེ་ལ་བརྟེན་པའི་བླ་ཚེ་ཟུང་འབྲེལ་གྱི་སྒྲུབ་ཐབས་ཞབས་དྲུང་དག་སྣང་མའི་ཆོ་ག་ལ་བརྟེན་ནས་ཉིན་གྲངས་བདུན་གྱི་རིང་ཚོགས་འབུམ་དང་བླ་མའི་གསོལ་འདེབས་འཇིག་རྟེན་དབང་ཕྱུག་འབུམ་ཐེར་འདོན་མཐར་ཉིན་བརྒྱད་པར་བཀྲིན་གཏང་རག་གི་ཆོ་ག་རྒྱས་པར་གནང་སྟེ་གྲོལ་འཆར་ལགས་ན།
今年龍年新春之不丹曆法正月神變月殊勝佳節,將於「贍林塘」之「嘉容咖薛大塔」之前,恭敬陳設千供與大量薈供食子,修持諸佛總集之本體─具恩根本上師 「竹巴仁波切」、又稱「夏鍾仁波切」之《魂壽相屬成就法‧淨觀文》(達囊瑪)儀軌七天;又以八天之期唸誦十萬次《薈供》與十萬次《上師祈請文‧世間自在》;於最後一日詳盡完成酬謝恩德之儀禮,然後圓滿禮成。
大塔位於為夏鍾仁波切入定示寂並且安住不動禪定狀態之天然勝樂輪壇城之上,興建之具德竹巴噶舉核心大寺─本塘喋瓦千咩坡漲(大樂宮殿)之前方,亦是往昔印度之大成就者納吉仁謙為度母親脫離孤獨地獄之時,一再而再親自駕臨之特殊勝地。
大塔乃是夏鍾仁波切為了父親鄔金多傑與母親欽雷確尊累積福德緣份而興建。
དེའི་མཐུ་ལས་བསྟན་པའི་རྩ་ལག་དཔལ་ལྡན་བླ་མ་དམ་པ་སྔ་རབས་ཞི་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་མཐའ་དག་ཡོངས་སུ་རྫོགས་པ་དང་། ད་ལྟ་ཞལ་བཞུགས་པའི་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་གྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་མཛད་པ་འཕྲིས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང་། འགྲོ་དོན་འཕྲིས་རྒྱ་ནམ་མཁའ་དང་མཉམ་པར་འགྱུར་བ་དང་།འཛམ་གླིང་ཡངས་པའི་ཕྱོགས་སུ་ནད་ཡམས་མུ་གེ་དམག་འཁྲུགས་སོགས་མི་མཐུན་པའི་ཉེར་འཚེ་མཐའ་དག་རྒྱུན་ཆད་དེ་སེམས་ཅན་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སུ་སྤྱོད་དེ་མཐར་ཐུག་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་རིན་པོ་ཆེ་གང་དུ་འཚང་རྒྱ་བའི་ཞིང་དུ་ཚོམ་བུ་གཅིག་ཏུ་མངོན་སངས་རྒྱས་པའི་སྨོན་ལམ་ཟབ་རྒྱས་གནང་རོགས་གནང་ཞེས་རེ་བསྐུལ་ཞུ་རྒྱུ་ལགས་ན་ལས་སྨོན་ལམ་གྱིས་འབྲེལ་བའི་ཆོས་ཀྱི་གྲོགས་པོ་ཡོངས་ནས་ཀྱང་དེ་བཞིན་གནང་བའི་ཐུགས་རྗེ་མི་ཆུང་བ་ཞུ་བར་མཁྱེན་མཁྱེན་ལ།
敬請十方一切有緣大德於此藏曆正月十五之前,發起深廣之願心,共同發起:
「願以此法會實修之力,願教法之根本支分具德上師與歷代祖師之一切弘教利生大願皆得圓滿!
現今住世之漢傳佛教與藏傳佛教任何執掌教法大德悉皆畢生之行誼事業皆能消弭一切障礙、利生事業將能廣大等同虛空!
世界任何地方完全斷除疾病瘟疫飢饉戰爭鬥亂等違逆之一切災難!一切有情一起成就佛陀果位!」
敬請同具此願之相關一切法友亦如是發願而發大心,普皆鑒知。
ཞེས་རྒྱལ་ཁམས་པ་ཀུན་བསྟན་པས་སྤྱི་ཚེས་༡༢/༠༢/༢༠༢༤/ལ།
嘉康巴 貢噶顛津書於西曆2024/2/12
那若子續佛學會恭譯 -
修習淨土法門之功德利益(一)
嗡 阿彌喋瓦 釋
修習淨土法門之功德利益:
總體而言,淨土包含銅色山(蓮師淨土)、持舟山(波達拉山之觀音淨土)、現喜淨土等等無數淨土。
我們大眾人士應當發願往生之淨土,首先為極樂淨土。
無論是入睡前、睡醒時、用餐時、飲水時,時時刻刻,應當同時發願:「願生極樂淨土!」因此,必生於極樂淨土之中。
生於極樂淨土之後,雖然沒有發願往生其他淨土,屆時也能依照自己的意願而前往他方淨土見佛聞法,法喜無量。
此生勤修極樂淨土,必然生於極樂淨土之說法,根據亦載於諸如《極樂願文》等經典著作之中。
「以無礙神變,願上午前赴,
現喜具德剎,妙圓密嚴剎。
不動寶生佛,不空毗盧佛,
求灌頂加持,受戒作廣供。
傍晚無艱難,返回極樂國。」
己生於極樂淨土者,上午由極樂淨土前往他方淨土,在其他佛陀座前領受灌頂與教授,回返之時,可以沒有任何困難而歸。且於其他任何淨土,例如能隨意謁見蓮師與觀音等其他聖者,於其他淨土導師座前聞受妙法、領受灌頂,乃至住於百千萬年之間,皆可隨意而住。故應首先往生於極樂淨土獲得自在。
若勤於上述往生極樂淨土之法,此生獲得的寶貴人身將不會虛擲。
倘若有任何時間和機會,請立即祈禱阿彌陀佛,憶念極樂淨土,唸誦阿彌陀佛之聖號或咒語,來生必定生於極樂淨土無疑!
任何人意欲求生任何淨土,皆應精進修持。
吉祥如意。
※尊貴的 貢噶顛津仁波切開示
※修習淨土法門之功德利益(一)
※那若子續佛學會 譯
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ
བདེ་ཆེན་ཞིང་སྦྱོང་གི་ཕན་ཡོན།
སྤྱིར་བཏང་གི་ཞིང་ཁམས་ལུ་ཟངས་མདོག་དཔལ་རི་དང་། རི་བོ་པོ་ཏ་ལ། མངོན་པར་དགའ་བ་སོགས་ཞིང་ཁམས་ལེ་ཤ་ཡོད་རུང་། ང་བཅས་ཆ་ཁྱབ་ཀྱི་སྨོན་ལམ་བཏབ་སའི་ཞིང་ཁམས་དང་པོ་དེ་བདེ་བ་ཅན་གྱི་ཞིང་ཁམས་འདི་ཨིན། གཉིད་ཚོར་རུང་། གཉིད་ལོག་རུང་། ཟ་རུང་། འཐུང་རུང་བདེ་བ་ཅན་གྱི་ཞིང་ཁམས་ནང་སྐྱེ་བར་ཤོག་ཟེར་སྨོན་ལམ་བཏབ་པ་ཅིན། བདེ་བ་ཅན་གྱི་ཞིང་ཁམས་ནང་ངེས་པར་དུ་སྐྱེ་ཚུགས་ཟེར་གསུངས་ཏེ་འདུག། བདེ་བ་ཅན་གྱི་ཞིང་ཁམས་ནང་སྐྱེས་ཚར་བའི་ཤུལ་ལུ་ཞིང་ཁམས་གཞན་ཁ་ལུ་ལཱ་ཁག་སྦེ་སྨོན་ལམ་མ་བཏབ་རུང་ཡང་རང་གི་འདོད་པ་དང་འཁྲིལ་ཏེ་འགྱོ་ཚུགས་ཟེར་གསུངས་ནུག། དེ་ཡང་ལུས་རྟེན་འདི་བདེ་བ་ཅན་གྱི་ལུས་རྟེན་འབད་ནི་འདི་གིས་ཨིན་མས། དེ་སྦེ་ཨིན་པའི་ཁུངས་ཡང་བདེ་བ་ཅན་གྱི་སྨོན་ལམ་ནང་ག་དེ་སྦེ་གསུངས་ཏེ་འདུག་ཟེར་བ་ཅིན། རྫུ་འཕྲུལ་ཐོགས་པ་མེད་པ་ཡི།།མངོན་དགའི་ཞིང་དང་དཔལ་ལྡན་ཞིང་།།ལས་རབ་རྫོགས་དང་སྟུག་པོ་བཀོད།།སྔ་དྲོ་དེ་དག་རྣམས་སུ་འགྲོ།།མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ།།རྣམ་སྣང་ལ་སོགས་སངས་རྒྱས་ལ།།དབང་དང་བྱིན་རླབས་སྡོམ་པ་ཞུ།།མཆོད་པ་དུ་མས་མཆོད་བྱས་ནས།།དགོང་མོ་བདེ་བ་ཅན་ཉིད་དུ།།དཀའ་ཚེགས་མེད་པར་སླེབ་པར་ཤོག། ཟེར་དྲོ་པ་བདེ་བ་ཅན་གྱི་ཞིང་ཁམས་ནང་ལས་ཞིང་ཁམས་གཞན་ཁར་འགྱོ། སངས་རྒྱས་གཞན་ལས་དབང་དང་གདམས་ངག་ཞུ། ཕྱི་རུ་ལོག་སྟེ་བདེ་བ་ཅན་ལུ་དཀའ་ཚེགས་མེད་པར་འོང་ཚུགས་པ་གིས་མ་ཚད། ཞིང་ཁམས་གཞན་ཁར་ཨྱོན་རིན་པོ་ཆེ་དང་འཕགས་པ་སྤྱན་རས་གཟིགས་སོགས་ཀྱི་སྐུ་མདུན་འགྱོ་དགོ་སྦེ་མནོ་རུང་འཇམ་ཏོང་ཏོག་སྦེ་འགྱོ་ཚུགས། ཁོང་གི་སྐུ་མདུན་ལས་ཆོས་ཞུ་དགོ་མནོ་རུང་དབང་ཞུ་དགོ་མནོ་རུང་། ལོ་བརྒྱ་ཕྲག་ཁྲི་ཕྲག་གི་བར་ན་ཁོང་གི་སྐུ་མདུན་སྡོད་དགོ་མནོ་རུང་དང་པ་རང་བདེ་བ་ཅན་གྱི་ཞིང་ཁམས་ནང་རང་སྐྱེས་མཆིས་པ་ཅིན་རང་ལུ་རང་དབང་ཡོད་ཟེར་གསུངས་པའི་དོན་ཨིན་མས། དེ་འབད་ནི་འདི་གིས་ད་རེས་མི་ལུས་ཐོབ་པའི་སྐབས་སུ་ཨ་རྟག་རང་དུས་ཚོད་མ་ཁོམས་རུང་རྒྱ་ལམ་རེ་དུས་ཚོད་དང་གོ་སྐབས་ཐོབ་དང་མགོན་པོ་འོད་དཔག་མེད་ལུ་གསོལ་བ་བཏབ། བདེ་བ་ཅན་གྱི་ཞིང་ཁམས་སེམས་ལུ་དྲན། འོད་དཔག་མེད་ཀྱི་མཚན་སྔགས་བགྱངས་ཚུགས་པ་ཅིན་སྐྱེ་བ་ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་ནང་སྐྱེ་ནི་ལུ་ཐེ་ཚོམ་མེདཔ་ལས་ག་ར་གི་ཞིང་ཁམས་བསྒྲུབ་ནི་ལུ་བརྩོན་ཤུགས་བསྐྱེད་གནང་ཟེར་ཞུ་ནི། བཀྲིས་བདེ་ལེགས། -
修習淨土法門之功德利益(二)
嗡 阿彌喋瓦 釋
我等學佛行者無論勤於任何修持,都應當生起希求而發願往生極樂世界,持誦阿彌陀佛之名號或咒語。
「頂禮阿彌陀佛,加持生於淨土!」出自內心深處產生虔誠和信心而祈禱,則不可能不生於極樂淨土。
任何人若於生活在世之時持誦阿彌陀佛,心中憶念阿彌陀佛,努力一再提醒自己,臨終必然無疑生於極樂世界。
若死後入於中有境界,憶念阿彌陀佛,即能脫離中有恐怖之險境而生於極樂世界無疑;此乃今生應當精進之實修、臨終之實修、中有之實修等三種實修精要。
求生極樂淨土之發願與心中憶念阿彌陀佛之外,沒有更殊勝之實修,此乃往昔歷代祖師大德一再之開示。
我們何時何地皆應精進修持淨土之實修。
吉祥如意。
貢噶顛津仁波切
※尊貴的 貢噶顛津仁波切開示
※修習淨土法門之功德利益(二)
※那若子續佛學會 譯
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ
ང་བཅས་ར་ག་ར་འབད་རུང་བདེ་བ་ཅན་གྱི་ཞིང་ཁམས་ནང་སྐྱེ་ནི་གི་འདུན་པ་བསྐྱེད་དེ་སྨོན་ལམ་བཏབ། མགོན་པོ་འོད་དཔག་མེད་ཀྱི་མཚན་སྔགས་བགྱངས། མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ།།བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས།། ཟེར་སེམས་ཀྱི་གཏིང་ལས་དད་པ་བསྐྱེད་དེ་གསོལ་བ་བཏབ་པ་ཅིན། བདེ་བ་ཅན་ལུ་མ་སྐྱེ་བའི་དཔེ་རྩ་ལས་མི་སྲིད། མི་ཤི་རན་མི་གཅིག་གི་རྣམ་ཅོག་ནང་ལུ་འོད་དཔག་མེད་ཀྱི་མཚན་སྔགས་བགྱངས་བྱིན། མགོན་པོ་འོད་དཔག་མེད་སེམས་ཁར་དྲན་ཟེར་དྲན་གསོ་འབད་བྱིན་པ་ཅིན། ཤི་ཚརཝ་ཅིན་བདེ་བ་ཅན་ལུ་སྐྱེ་ནི་ལུ་ཐེ་ཚོམ་མེད་ཟེར་ཨིན་མས། བར་དོ་ལུ་ཡང་སངས་རྒྱས་འོད་དཔག་མེད་སེམས་ཁར་དྲན་ཚུགས་པ་ཅིན། བར་དོ་འཇིགས་པའི་འཕྲང་ལས་གྲོལ་ཏེ་བདེ་བ་ཅན་ལུ་མ་སྐྱེ་བའི་དཔེ་མི་སྲིད་ཟེར་ཨིན་མས། དེ་འབད་ནི་འདི་གིས་ཚེ་ད་རེས་ཀྱི་ཉམས་ལེན་། ཤི་རནམ་ད་གི་ཉམས་ལེན། བར་དོའི་ཉམས་ལེན་གསུམ་ཆ་ར་བདེ་བ་ཅན་ལུ་སྐྱེ་ནི་གི་སྨོན་ལམ་བཏབ་ནི་དང་། མགོན་པོ་འོད་དཔག་མེད་སེམས་ཁར་དྲན་ནི་ལས་ལྷག་པའི་ཉམས་ལེན་ཅིག་མེད་ཟེར་སྔོན་བྱོན་རྒྱལ་བ་གོང་མ་ཚུ་གིས་ཡང་གསུངས་ནུག། དེ་འབད་ནི་འདི་གིས་ང་བཅས་ར་ག་ར་གིས་དུས་ཨ་རྟག་རང་བདེ་ཅན་ཞིང་སྦྱོང་གི་ཉམས་ལེན་ལུ་བརྩོན་གནང་ཟེར་ཞུ་ནི། བཀྲིས་བདེ་ལེགས། ཀུན་བསྟན་པས་བསྒྲིགས། -
修習淨土法門之功德利益(三)
嗡 阿彌喋瓦 釋
頌云:“無有女人不從胎受生,大眾皆由蓮花苞出生,悉皆金色身體無差別,頂髻等諸相好為莊嚴,皆具五種神通與五眼”。若投生極樂淨土中,此淨土中亦無有女子,亦不需由母胎受生,以化生之方式由蓮花之花苞出生。凡是生於極樂淨土各類所有人士皆色身無有差別,皆具金色微妙之身,不只如此,不同於我等凡夫,於頂上有頂髻、手足皆有輪相,圓滿具足佛陀功德之相好而為莊嚴。亦具足天眼通、天耳通等五種神通;亦具足肉眼、天眼、慧眼、法眼、智眼等五眼,任何己經生於極樂淨土者悉皆俱全。為能投生極樂淨土應當精進於往生極樂淨土之法門,此乃今生諸事當中最大意義之事,敬請大家善加思惟與牢記。
※尊貴的 貢噶顛津仁波切開示
※修習淨土法門之功德利益(三)
※那若子續佛學會 譯
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ
བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད།།ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས།།ཐམས་ཅད་སྐུ་ལུས་ཁྱད་མེད་གསེར་གྱི་མདོག། དབུ་ལ་གཙུག་གཏོར་ལ་སོགས་མཚན་དཔེས་བརྒྱན།།མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ།། ཟེར་གསུངས་དོ་བཟུམ་སྦེ། བདེ་བ་ཅན་གྱི་ཞིང་ཁམས་ནང་ལུ་སྐྱེས་མཆིས་པ་ཅིན། ཞིང་ཁམས་འདི་ན་བུད་མེད་ཡང་མེད་པའི་ཁར། མ་ཡི་མངལ་ལས་ཡང་སྐྱེ་མ་དགོས་པར་ ག་ར་བརྫུས་སྐྱེ་སྦེ་མེ་ཏོག་པདྨའི་སྦུབས་ལས་འཁྲུངས་དོ་ཡོདཔ་མས། བདེ་བ་ཅན་གྱི་ཞིང་ཁམས་ནང་སྐྱེ་རིགས་སྐྱེ་ཚད་ག་ར་སྐུ་ལུས་ལུ་ཁྱད་པར་ག་ནི་ཡང་མེད་པར་གསེར་གྱི་མདོག་དང་ལྡནམ་སྦེ་ཡོད་པ་གིས་མ་ཚད། ང་བཅས་མི་ཕལ་པ་དང་མི་འདྲ་བ་ དབུ་ལུ་གཙུག་གཏོར། ཕྱག་ཞབས་ལུ་འཁོར་ལོ་འདི་ཚུ་སངས་རྒྱས་ཀྱི་ཡོན་ཏན་མཚན་དང་དཔེ་བྱད་ཡོངས་རྫོགས་ཀྱིས་བརྒྱན་ཏེ་ཡོད་པའི་ཁར། ལྷའི་མིག་གི་མངོན་ཤེས། ལྷའི་རྣ་བའི་མངོན་ཤེས་སོགས་མངོན་ཤེས་ལྔ་དང་། ཤའི་སྤྱན་དང་ལྷའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། ཡེ་ཤེས་ཀྱི་སྤྱན་ཏེ་སྤྱན་ལྔ་ཡང་བདེ་བ་ཅན་གྱི་ཞིང་ཁམས་ནང་སྐྱེས་མི་ཆ་ཁྱབ་ག་ར་ལུ་ཚང་སྟེ་ཡོད་ཟེར་ཨིན་མས། དེ་འབད་ནི་འདི་གིས་བདེ་བ་ཅན་གྱི་ཞིང་ཁམས་ནང་སྐྱེ་ནི་གི་དོན་ལུ་བདེ་ཅན་ཞིང་སྒྲུབ་ལུ་བརྩོན་ནི་འདི་ག་ར་གིས་གལ་ཅན་ནང་གི་དོན་ཆེན་སྦེ་བརྩི་སྟེ་མཛད་གནང་ཟེར་ཞུ་ནི། ཀུན་བསྟན་པས། -
修習淨土法門之功德利益(四)
嗡 阿彌喋瓦 釋
頌云:“何人持誦您名號,除非往昔業異熟,水火毒刃夜羅剎,佛記諸畏皆可救”。任何精進之人,藉由口中僅是稱誦阿彌陀佛聖號、心中僅是憶念阿彌陀佛,即可除了部份己成熟的往昔業報以外,自己今世不生火、水等災難;毒與刀兵之傷害,包括夜叉與羅剎等魑魅魍魎、非人之傷害皆能受到拯救而脫離,以上所說是由佛陀所開示。有志於此者,敬請心中思惟上述此諸功德利益而祈禱阿彌陀佛、心裡憶念極樂世界之淨土莊嚴,勇猛精進於淨土法門實修。吉祥如意!
※尊貴的 貢噶顛津仁波切開示
※修習淨土法門之功德利益(四)
※那若子續佛學會 譯
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ
གང་ཞིག་ཁྱེད་ཀྱི་མཚན་ནི་སུས་འཛིན་པ།།སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ།།མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས།།འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། ཟེར་གསུངས་དོ་བཟུམ་སྦེ། ག་ར་འབད་རུང་མགོན་པོ་འོད་དཔག་མེད་ཀྱི་མཚན་ཁ་ལས་ཐོན་ཏེ་བགྱངས། སེམས་ཁར་དྲན་པ་ཙམ་གྱིས་རང་གི་ཚེ་སྔོན་གྱི་ལས་ཀྱི་རྣམ་སྨིན་རེ་ཡོད་ན་མ་གཏོགས། ཚེ་ད་རེས་རང་ལུ་མེ་དང་ཆུ་ཡི་འཇིགས་པ་སོགས་ག་ནི་ཡང་མི་བྱུང་བའི་ཁར། དུག་དང་མཚོན་ཆའི་གནོད་པ། དེ་བཟུམ་སྦེ་གནོད་སྦྱིན་དང་སྲིན་པོ་སོགས་འབྱུང་པོ་མི་མ་ཡིན་གྱི་གནོད་པ་ག་ར་ལས་སྐྱོབ་ཚུགས་ཟེར་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ནུག། དེ་འབད་ནི་འདི་གིས་ང་བཅས་ག་ར་གིས་ཕན་ཡོན་འདི་ཚུ་སེམས་ཁར་དྲན་ཐོག་ལས་མགོན་པོ་འོད་དཔག་མེད་ལུ་གསོལ་བ་བཏབ། བདེ་བ་ཅན་གྱི་ཞིང་ཁམས་ཀྱི་བཀོད་པ་སེམས་ཁར་དྲན་ཏེ་བདེ་ཅན་ཞིང་སྦྱོང་གི་བྱ་བ་ལུ་ག་དེ་དྲག་དྲག་བརྩོན་གནང་ཟེར་ཞུ་ནི། བཀྲིས་བདེ་ལེགས། -
修習淨土法門之功德利益(五)
嗡 阿彌喋瓦 釋
頌云:“自然眾寶無量宮,所欲受用意念生,無勤任何所需成”。若己受生極樂世界,於材質為自然元素形成之金銀銅鐵等各種珍寶所成之宮殿中,僅僅意想即能產生任何所欲之自己所需順緣與受用,也不需要辛勞與困難,任何所需皆能無有敂勞的達成而至,因此,應當發願:“願生極樂淨土中!”
心中憶念極樂世界淨土,強力唸誦名號咒:嗡 阿彌喋瓦 釋,祈禱阿彌陀佛是往生極樂淨土的根據。敬請隨力盡己所能精勤於上述要點,修持往生淨土法門。
※尊貴的 貢噶顛津仁波切開示
※修習淨土法門之功德利益(五)
※那若子續佛學會 譯
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ
རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་།།ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང་།།རྩོལ་སྒྲུབ་མི་དགོས་དགོས་དགོས་འདོད་ལྷུན་གྱིས་གྲུབ།། ཟེར་གསུངས་ཡོད་དོ་བཟུམ་སྦེ། བདེ་བ་ཅན་གྱི་ཞིང་ཁམས་ནང་ལུ་སྐྱེས་མཆིས་པ་ཅིན། རྒྱུ་རང་བྱུང་གི་ཁམས་ལས་གྲུབ་པའི་གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེ་རྣམ་པ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ནང་། རང་ལུ་མཁོ་ཆེ་བའི་མཐུན་རྐྱེན་ལོངས་སྤྱོད་འདི་ཚུ་ཡིད་ལུ་དྲན་པ་ཙམ་གྱིས་གང་ལ་གང་འདོད་སྦེ་འབྱུང་འོང་ཟེར་ཨིན་མས། དེ་ཡང་འབད་རྩོལ་དང་དཀའ་ངལ་བཏང་མི་དགོས་པར་དགོས་པའི་དོན་འདི་ཚུ་གེ་ར་འབད་མེད་ལྷུན་གྱིས་གྲུབ་སྟེ་འོང་ནི་འདི་གིས་བདེ་བ་ཅན་གྱི་ཞིང་ཁམས་ནང་སྐྱེ་བཅུག་ཟེར་སྨོན་ལམ་བཏབ།
བདེ་བ་ཅན་གྱི་ཞིང་གི་བཀོད་པ་སེམས་ཁར་དྲན། མཚན་སྔགས་ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ་ག་དེ་དྲག་དྲག་བགྱངས། མགོན་པོ་འོད་དཔག་མེད་ལུ་གསོལ་བ་བཏབ་དགོས་པའི་ཁུངས་དེ་ལས་བརྟེན་ཏེ་ཨིན་མས་ཟེར་ཞུ་ནི། དེ་འབད་ནི་འདི་གིས་ཞིང་ཁམས་བསྒྲུབ་ནི་ལུ་ཅི་དྲག་གང་དྲག་སྦེ་བརྩོན་ཤུགས་བསྐྱེད་གནང་ཟེར་ཞུ་ནི། ཀུན་བསྟན་པས། -
修習淨土法門之功德利益(六)
嗡 阿彌喋瓦 釋
頌云:“進聞阿彌陀佛名,心口如一自深心,僅生一次誠信心,彼不退轉菩提道”。
無論任何人,耳聞阿彌陀佛之名號之後,以心口如一方式,發自內心、出於肺腑的生起虔誠信心僅僅一次,此具有虔誠信心之人將不退轉於菩提道。
此具有虔誠信心之人若生於輪迴中,稱為“輪迴邊際者”,意即受生輪迴的次數即將中斷,不需再受生於輪迴。因此,應當不分自他,以此引為己任的努力唸誦阿彌陀佛之名號或陀羅尼咒。再者,亦當盡力唸誦阿彌陀佛之名號或陀羅尼咒於任何所有,令任何與我有關之人聽聞,並且勸請有緣之人虔誠唸誦,此為極有意義之事。
※尊貴的 貢噶顛津仁波切開示
※修習淨土法門之功德利益(六)
※那若子續佛學會 譯
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ
གང་ཞིག་འོད་དཔག་མེད་པའི་མཚན་ཐོས་ནས།།ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་།།ལན་གཅིག་ཙམ་ཞིག་དད་པ་སྐྱེས་པ་ན།།དེ་ནི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག། ཟེར་གསུངས་དོ་བཟུམ་སྦེ། ག་ར་འབད་རུང་མགོན་པོ་འོད་དཔག་མེད་ཀྱི་མཚན་རྣ་བར་ཐོས་ཏེ་ཁ་ཞེ་གཉིས་མེད་ཀྱི་སྒོ་ལས་སྦེ་སྙིང་ཁོང་རུས་པའི་གཏིང་ལས་རང་དད་པ་ཚར་གཅིག་བསྐྱེད་པ་ཙམ་ཅིག་གིས་ར་དད་པ་ཅན་གྱི་མི་དེ་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལོག་ཟེར་ཨིན་མས། དད་པ་ཅན་གྱི་མི་འདི་འཁོར་བ་ན་སྐྱེས་ཏེ་འབད་རུང་འཁོར་བ་མཐའ་ཅན་ཟེར་སྐྱེ་བ་གྱངས་ཁ་ཆོད་ཆོདཔ་ཅིག་མ་གཏོགས་ལེན་མ་དགོ་པའི་དོན་ཨིན་མས། དེ་འབད་ནི་འདི་གིས་རང་གཞན་ག་ར་འབད་རུང་མགོན་པོ་འོད་དཔག་མེད་ཀྱི་མཚན་སྔགས་རང་གིས་ཡང་རྩ་འགན་ཏེ་བགྱངས། གཞན་ལུ་ཡང་མགོན་པོ་འོད་དཔག་མེད་ཀྱི་མཚན་བརྗོད་དེ་རང་དང་འབྲེལ་ཚད་གེ་ར་ལུ་མགོན་པོ་འོད་དཔག་མེད་ཀྱི་མཚན་གོ་བཅུག་ནི་དང་བགྱངས་བཅུག་ནི་འདི་གལ་ཆེ་དྲག་སྦེ་མཇལ་ཡི་ཟེར་ཞུ་ནི། -
修習淨土法門之功德利益(七)
嗡 阿彌喋瓦 釋
頌云:“無數廣大三千界,遍滿珍寶作布施,不如聽聞極樂剎,阿彌陀佛名號後,以信合掌福德大”。
以金銀等諸珍寶充滿無量三千大千世界而行布施,功德利益無量。若問是否尚有較之更大功德益之事,答案是有的。若問是何事?佛云:耳聞阿彌陀佛之名號、極樂世界淨土之名,心生虔誠信心而合掌,此福德無量不可思議。敬請各位將此功德利益之理納於心中,奮發精勤修持阿彌陀佛法門,吉祥如意。
※尊貴的 貢噶顛津仁波切開示
※修習淨土法門之功德利益(七)
※那若子續佛學會 譯
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ
སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ།།རིན་ཆེན་གིས་བཀང་སྦྱིན་པ་བྱིན་པ་བས།།འོད་དཔག་མེད་པའི་མཚན་དང་བདེ་བ་ཅན།།ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན།།དེ་ནི་དེ་བས་བསོད་ནམས་ཆེ་བར་གསུངས།། ཟེར་གསུངས་དོ་བཟུམ་སྦེ།
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྱངས་ཁ་མེདཔ་ཅིག་ན་ལུ། གསེར་དང་དངུལ་ལ་སོགས་པའི་རིན་པོ་ཆེ་གིས་ལྟེམ་ལྟེམ་སྦེ་བཀང་སྟེ་སྦྱིན་པ་བྱིན་ནི་འདི་ལུ་ཕན་ཡོན་མེད་ག་ཟེར་བ་ཅིན། ཕན་ཡོན་སྦོམ་ཡོད་ཟེར་ཨིན་མས། དེ་ལས་ཕན་ཡོན་ཆེ་བའི་ལཱ་གཞན་ཡོད་ག་ཟེར་བ་ཅིན། དེ་ཡང་ཡོད་ཟེར་ཨིན་མས། དེ་ག་ཅི་སྨོ་ཟེར་བ་ཅིན། མགོན་པོ་འོད་དཔག་མེད་ཀྱི་མཚན་དང་། བདེ་བ་ཅན་གྱི་ཞིང་ཁམས་ཀྱི་མཚན་རྣ་བར་ཐོས་ཏེ་སེམས་དད་པའི་སྒོ་ལས་ཐལ་མོ་སྦྱར་མི་འདི་བསོད་ནམས་དང་ཕན་ཡོན་བསམ་གྱིས་མི་ཁྱབ་སྦེ་ཡོད་ཟེར་གསུངས་ནུག། ཕན་ཡོན་འདི་ཚུ་སེམས་ཁར་བཞག་སྟེ་མགོན་པོ་འོད་དཔག་མེད་བསྒྲུབ་ནི་ལུ་བརྩོན་ཤུགས་བསྐྱེད་གནང་། བཀྲིས་བདེ་ལེགས། -
修習淨土法門之功德利益(八)
嗡 阿彌喋瓦 釋
頌云:“佛於晝夜六時中,慈眸恆視諸有情,諸眾心中所生起,任何分別皆明知,諸眾口中所這說,永無混雜一一聞,頂禮遍知阿彌陀”。
阿彌陀佛之慈眸平等於內、外、過去、現在、未來,晝夜六時以慈憫方式恆常垂視一切有情而住。不僅如此,一切有情心中任何心思所想與念頭,阿彌陀佛皆能以聖心清楚了知。
一切有情口中所說任何言語字詞,阿彌陀佛皆能以尊耳清楚聽聞。
有情眾生任何一切所思所言皆完全知曉,因此稱為“遍知阿彌陀佛”,
了知阿彌陀佛具有上述功德與特點之後,我等眾生若能生起虔誠信心而祈禱,阿彌陀佛亦將完全鑒知,明瞭關懷我等之苦樂好壞,是故,應當一心不亂祈禱阿彌陀佛,唸誦阿彌陀佛之聖號與真言。吉祥如意。
※尊貴的 貢噶顛津仁波切開示
※修習淨土法門之功德利益(八)
※那若子續佛學會 譯
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ
སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ།།སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས།།སེམས་ཅན་ཀུན་གྱི་ཡིད་ལ་གང་དྲན་པའི།།རྣམ་རྟོག་གང་འགྱུས་རྟག་ཏུ་ཐུགས་ཀྱིས་མཁྱེན།།སེམས་ཅན་ཀུན་གྱིས་ངག་ཏུ་གང་སྨྲས་ཚིག།རྟག་ཏུ་མ་འདྲེས་སོ་སོར་གསན་ལགས་ན།།ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ།།
ཟེར་གསུངས་དོ་བཟུམ་སྦེ། སངས་རྒྱས་མགོན་པོ་འོད་དཔག་མེད་ཀྱི་སྤྱན་གྱིས་ང་བཅས་སེམས་ཅན་ཆ་ཁྱབ་ལུ་(ཉིན་མ་དུས་གསུམ་དང་ཕྱི་རུ་དུས་གསུམ་ཟེར་ཕྱེ་བའི་) ཉིན་མཚན་དུས་དྲུག་ལུ་ཐུགས་བརྩེ་བ་གི་སྒོ་ལས་ཨ་རྟག་ར་གཟིགས་ཏེ་བཞུགས་འོང་ཟེར་ཨིན་མས། དེ་མ་ཚད་སེམས་ཅན་ཆ་ཁྱབ་ཀྱི་སེམས་ཁར་དྲན་རིགས་དྲན་ཚད་དང་། རྣམ་རྟོག་ག་ཅི་བཟུམ་ཅིག་ཤར་ཏེ་འབད་རུང་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀྱིས་ཨ་རྟག་ར་གསལ་ཏོག་ཏོ་སྦེ་མཁྱེན་ཟེར་ཨིན་མས། སེམས་ཅན་ཆ་ཁྱབ་ཀྱིས་ཁ་ལས་ཚིག་ག་ཅི་བཟུམ་ཅིག་སླབ་སྟེ་འབད་རུང་སངས་རྒྱས་འོད་དཔག་མེད་ཀྱིས་སྙན་ལུ་ཨ་རྟག་ར་གསལ་ཏོག་ཏོ་སྦེ་གསན་འོང་ཟེར་ཨིན་མས། དེ་སྦེ་གེ་ར་མཁྱེན་ནི་འདི་གིས་ཀུན་མཁྱེན་འོད་དཔག་མེད་ཟེར་ཞུ་དགོས་པའི་དོན་དག་ཡང་དེ་ལས་བརྟེན་ཏེ་ཨིན་མས། མགོན་པོ་འོད་དཔག་མེད་ལུ་ཡོན་ཏན་དང་ཁྱད་ཆོས་དེ་ཚུ་ཡོདཔ་ཤེས་ཏེ་ང་བཅས་ར་གིས་ཁོ་ལུ་དད་པ་བསྐྱེད་དེ་གསོལ་བ་བཏབ་རུང་ཁོ་གིས་གསལ་ཏོག་ཏོ་སྦེ་མཁྱེན་ནི་ཨིན་མས། ང་བཅས་ཀྱི་སྐྱིད་སྡུག་བཟང་ངན་མཁྱེན་ཏེ་ཐུགས་ཀྱིས་བརྩེ་བ་ཐེབས་སྦེ་ར་གནང་ནི་གི་གོ་སྐབས་ཡོདཔ་ལས་བརྟེན་སེམས་མ་ཡེངས་པར་འོད་དཔག་མེད་ལུ་གསོལ་བ་བཏབ། མཚན་སྔགས་བགྱངས་གནང་ཟེར་ཞུ་ནི། བཀྲིས་བདེ་ལེགས། -
修習淨土法門之功德利益(九)
嗡 阿彌喋瓦 釋
頌云:“除造捨法無間罪,諸誠信您發愿者,如愿往生極樂剎,佛臨中陰引彼剎,頂禮導師阿彌陀”。
除了造下捨法與無間之罪業以外,任何人向阿彌陀佛生起虔誠信心而祈禱,皆能往生極樂世界淨土,如愿成就往生淨土的願望。即使臨終之後處於中陰境界,阿彌陀佛也必將降臨中陰境界,接引此人往生極樂世界淨土。以此虔誠信心祈禱阿彌陀佛,必定往生極樂世界淨土無疑,縱然落入中陰境界亦絕對蒙受接引,因此,敬請大家以歡喜愉悅之心,精進修持彌陀淨土法門,極為重要。
※尊貴的 貢噶顛津仁波切開示
※修習淨土法門之功德利益(九)
※那若子續佛學會 譯
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ
ཆོས་སྤངས་མཚམས་མེད་བྱས་པ་མ་གཏོགས་པ།།ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན།།བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་གྲུབ།།བར་དོར་བྱོན་ནས་ཞིང་དེར་འདྲེན་པར་གསུངས།།འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ།། ཟེར་གསུངས་དོ་བཟུམ་སྦེ།
ཆོས་སྤོང་གི་ལས་དང་མཚམས་མེད་པའི་ལས་བསགས་མི་འདི་ཚུ་མ་གཏོགས། གཞན་མགོན་པོ་འོད་དཔག་མེད་ལུ་དད་པ་བསྐྱེད། སྨོན་ལམ་བཏབ་རིགས་བཏབ་ཚད་ཅིག་གེ་ར་བདེ་བ་ཅན་ལུ་སྐྱེ་ནི་གི་སྨོན་ལམ་འདི་གྲུབ་ཚུགས་ཟེར་ཨིན་མས། ཤི་སྟེ་བར་དོར་ཧོད་རུང་བར་དོ་ལུ་བྱོན་ཏེ་བདེ་བ་ཅན་གྱི་ཞིང་ཁམས་ནང་འདྲེན་གནངམ་ཨིན་ཟེར་ཨིན་མས། དེ་འབད་ནི་འདི་གིས་མགོན་པོ་འོད་དཔག་མེད་ལུ་གསོལ་བ་བཏབ་པ་ཅིན་བདེ་བ་ཅན་ལུ་སྐྱེ་ནི་ལུ་ཐེ་ཚོམ་ག་ནི་ཡང་མེད་པའི་ཁར། བར་དོ་ལས་ཡང་འདྲེན་གནངམ་ཨིན་མས། རྒྱུ་མཚན་འདི་ཚུ་ལུ་བརྟེན་ཏེ་བདེ་ཆེན་ཞིང་སྒྲུབ་ལུ་དགའ་སྤྲོ་དང་བཅས་ཏེ་བརྩོན་ནི་འདི་གལ་ཆེ་ཟེར་ཞུ་ནི། -
轉心四思惟
轉心四思惟是四加行的共同外前行,包括暇滿難得、死亡無常、業力因果、輪迴過患。 修暇滿難得、死亡無常,可以將貪著這輩子的心轉過來,轉到重視來生。 修業力因果、輪迴過患,我們不會貪著下輩子,因為輪迴的本質是苦。 所以修轉心四思惟,就可以把我們的心從輪迴轉到解脫的路上。
輪迴的本質是苦,要了解業力因果、輪迴過患,好好修轉心四思惟,才能增長出離心跟菩提心,幫助我們從輪迴走向佛道。 -
暇滿難得
遠離八無暇,具五他圓滿與五自圓滿,才是暇滿人身。而暇滿人身是很難得的,要得到暇滿人生需要以淨戒為根本,布施等為助伴,還要結合無垢淨願。